
རྒྱ་ཆེའི་སེར་སྐྱ་མི་མང་ལྷན་རྒྱས་ཀྱི་དྲུང་དུ།
ཞུ་གསོལ།
འདི་ག་རླུང་རྟ་དྲ་མཛོད་ཁང་ནས་དཔེ་དེབ་སྒྲིག་སྦྱོར་དང་གསར་ཤོག་སྒྲིག་སྦྱོར། རྒྱབ་ཤ་ཇུས་འགོད། འཕྲེད་དར་དང་སྦྱར་བྱང་སོགས་རྣམ་གྲངས་འདྲ་མིན་རིགས་དུས་ཚོད་ཀྱི་ཁོམ་ལོང་དང་བསྟུན་ནས་བཟོ་འགོད་བྱེད་ཀྱིན་ཡོད་པས། ཁྱེད་ཅག་དགོས་མཁོ་ཡོད་རིགས་ནས་དུས་ལྟར་འབྲེལ་བ་གནང་རྒྱུ་མ་བརྗེད། རིན་གོང་སླ་ཞིང་ཀུན་གྱི་ཐུགས་འདུན་དང་འཚམ་པའི་བཟོ་འགོད་བྱ་ངེས་ཡིན།
དེ་དང་འབྲེལ་ནས་གནས་ཚུལ་གཞན་ཞིག་ཞུ་རྒྱུར་རླུང་རྟ་དྲ་མཛོད་ཁང་ནི་སློབ་ཞོར་དུ་གཙོ་ཉར་བྱས་པའི་སྒེར་གཉེར་དྲ་ཚིགས་ཤིག་ཡིན་ལ། དྲ་ཚིགས་འདིའི་དམིགས་ཡུལ་ནི་རང་ཉིད་བོད་མི་ཞིག་ཡིན་པས་ངོས་ནས་བོད་ཀྱི་རིག་གནས་ལ་བཅངས་པའི་དད་སེམས་མོད་པོ་ཞིག་དང་བརྩེ་བ་རྣལ་མ་ཞིག་མཚོན་ཆེད་དུ་ཡིན་པར་མ་ཟད། རང་ནུས་ལ་དཔགས་པའི་རང་སྟེང་དུ་འགན་ཞིག་ཁུར་བས་ཁུལ་ཡིན། སྤྱིར་བཏང་ནས་ཕྲན་ལྟ་བུ་ལ་ཤེས་འཇོན་གང་ཐད་ནས་དབུལ་བོ་ཞིག་གིས་བོད་ཀྱི་རིག་གནས་སྲུང་སྐྱོབས་དང་གོང་འཕེལ་གཏོང་རྒྱུ་ནི་ཉིན་མོའི་སྐར་མ་ལས་མ་འདས་མོད། རེ་བ་ཞིག་དང་ཕུགས་བསམ་ཞིག རྨི་ལམ་ཞིག་གི་ཆེད་དུ་ང་འདི་ལྟར་ཆས་ན་འདོད། མ་ཟད་ང་ཚོ་བོད་མི་རེ་རེའི་ངོས་ནས་རང་གི་འཇོན་ནུས་ལ་གཞིགས་ཏེ་མི་རིགས་དང་རིག་གནས་ཀྱི་འགན་ཁུར་ཞིག་དང་དུ་བླངས་ན་མི་རིགས་དང་རིག་གནས་འཕེལ་རྒྱས་ལ་ཕན་རླབས་ཆེ་སྙམ། མཇུག་མཐར་རྒྱ་ཆེའི་སྨྱུག་ཐོགས་པ་ཡོངས་ཀྱིས་དཔྱད་རྩོམ་དང་འབོལ་རྩོམ། བརྩམས་སྒྲུང་བཅས་གཙོ་བོ་བྱས་ཏེ་རྩོམ་ཡིག་གང་མང་གིས་མཐུན་སྦྱོར་གནང་རོགས་ཞེས་ཞུ་རྒྱུ་ཡིན།
No comments
Post a Comment